ཞབས་བྲོ་
From Wikipedia
༄༅།།གངས་ལྗོངས་གློག་རྡུལ་དཔེ་མཛོད་ཁང་ཞེས་པ་འདི་དེང་དུས་ཀྱི་ འཕྲུལ་རྩལ་བེད་སྤྱད་དེ་ཁ་བའི་ལྗོངས་དང་འབྲེལ་ཡོད་ཀྱི་རིག་ གཞུང་ངོ་མཚར་ཅན་རྣམས་འཛམ་གླིང་ཡུལ་གྲུ་རིས་མེད་ཀྱི་སྐྱེ་བོའི་ སྤྱན་ལམ་དུ་བསྟར་བའི་རིན་གོང་མེད་པའི་དྲ་བའི་སྟེགས་བུ་ཞིག་ ཡིན། ངེད་ཚོས་དྲ་ལམ་དེ་བརྒྱུད་སྐད་རིགས་མི་འདྲ་བའི་ཐོག་ནས་ཁུལ་ དེའི་དཔྱད་གཞིའི་ཡིག་ཆ་སྣ་ཚོགས་མཁོ་འདོན་བྱེད་ཀྱིན་ཡོད་པས་ ཚུལ་དེ་ནི་གསར་གཏོད་རང་བཞིན་ཅན་གྱི་ཐོག་ནས་ཁ་བ་གངས་ཅན་གྱི་ རི་ཀླུང་ཡུལ་བཀོད་དང་། རིག་གཞུང་། ལོ་རྒྱུས་སོགས་ལ་ཞིབ་འཇུག་དང་མཁྱེན་འདོད་ཡོད་མཁན་རྣམས་ཀྱི་ ཐུགས་འདོད་རེ་སྐོང་བྱ་ཡུལ་སྔ་ན་མེད་པ་ཞིག་གོ །